摘要:伍金多吉,藏族,西藏山南扎囊县人。中国作协会员、《山南文艺》原主编。著有诗集《雪域抒怀》《高原风》等,译著有《茶花女》《芥川龙之介短篇小说选》《蛙》等。曾获第九届全国少数民族文学创作骏马奖等。
伍金多吉,藏族,西藏山南扎囊县人。中国作协会员、《山南文艺》原主编。著有诗集《雪域抒怀》《高原风》等,译著有《茶花女》《芥川龙之介短篇小说选》《蛙》等。曾获第九届全国少数民族文学创作骏马奖等。
ཨ་སྟོང་དང་རྐྱོང་ཤད་འཐབ་མོ་བཀྱེད་རྗེས
མུན་པའི་རྐང་ལག་སྡོང་རྒན་གྱི་སྟེང་ནས་བརྐྱངས
ཞེ་འདོད་ཀྱི་ཡལ་ག་རིམ་བཞིན་ཐུམ་ནག་གིས་བཏུམས
ལྟ་ཕྱོགས་དང་མཐོང་ཕྱོགས་ཤིག་ལས
དམག་འཁྲུག་གི་མེ་ལྕེ་ཕ་གིའི་མཁའ་མཐའ་ནས་འཕྱུར
ཉི་མའི་བུ་རྒྱུད་ཁྲག་དམར་གྱི་དཀྱིལ་དུ་འགྱེལ
ནག་ཡོར་ཡོར་གྱི་ཡོལ་བ་འདིའི་ཚུར་རོལ་ན
ད་གིན་གྱི་ཁྲ་ཆུང་མིག་ཟུང་རབ་རིབ་ནས་རབ་རིབ་ཏུ་གྱུར
དེ་ཞོགས་ཀྱི་གླུ་ཆུང་ཐལ་རྡུལ་གྱི་དཀྱིལ་དུ་འགྱེལ
སྐབས་འདིར་བག་ལ་ཞ་བའི་ལམ་ཟུར་གྱི་སྡོང་ལོའི་ཕུང་པོས
སིག་སིག་ཏུ་འདར་བའི་རྒྱང་རིང་གི་ཁྱི་གུའི་ཟུག་སྒྲས
དེ་མིན
མི་ཚེ་ཧྲིལ་པོར་རེ་བའི་ཁུར་གྱིས་མནན་པའི་སེམས་པ་ཕྲ་མོས
ད་དུང་ཡང་བདག་ལ བདག་ལ
གོ་བརྡ་མི་འཕྲོད་པའི་གཏམ་རྒྱུད་ཅིག་གླེང་འོང
འོན་ཀྱང་དེ་དག་དང་འདི་དག ཡང་ན
མཐོང་བ་དང་ཐོས་པ་དང་བྱས་པ་དང་བཤད་པ ཡང་ན
ཕྱིན་པ་དང་བསྡད་པ་དང་བཟས་པ་དང་བཏུངས་པ ཡང་ན
དམས་པ་དང་བསྟོད་པ་དང་ངུས་པ་དང་བགད་པ……
ཡོད་ཚད་ཀྱི་ཡོད་ཚད་རིལ་རིལ་རྡོག་གཅིག་ཏུ་བསྒྲིལ་ཏེ
ཡོད་ཚད་ཀྱི་ཡོད་ཚད་མཚན་རླུང་གི་གཤོག་སྣེར་བསྒྲོགས་ཏེ
མགོ་ཡར་བཏེགས་ནས་ལྷོ་བཞུད་ཀྱི་ཁྲུང་ཁྲུང་ལ་ལྟ་བཞིན
དབུགས་རྒྱུན་ཆད་བཞིན་པའི་དེ་རིང་གི་རྨི་ལམ་ལ་མྱ་ངན་ཞུ
འདི་ནི ཆེས་རྒྱུན་ལྡན་གྱི་ས་སྲོད་འདིའི་ལེའུ་རྙིང་པ་ཞིག
རང་ཉིད་ཀྱི་ལེའུ།
ཉི་འོད་འཁྱགས་ཀྱིས་བསྡམས་པའི་ཉིན་མོར
ངས་རང་ཉིད་ལ་མེ་ཁ་ལན་གཅིག་གསོས
མི་ཚེའི་བརྒྱུད་རིམ་རེ་རེ་བཞིན་ཉམས་སུ་མྱོང་ཆེད
ས་སྒང་འདིའི་སྣེ་མོ་ནས་མིག་རྒྱང་ཕྱི་རོལ་དུ་བསྲིངས
བོད་ཟླ་བདུན་པའི་གྲང་ངར་དང་ལྷན་དུ
ཅི་ཡིན་མི་ཤེས་པའི་སྐད་སྒྲ་སྣ་ཚོགས་སྣ་བར་འུར་མོད
ང་རང་ལ་ཁ་ཡ་བྱེད་ཁོམ་གཏན་ནས་མ་བྱུང
མེས་པོའི་ལ་ཐེལ་བཏབ་པའི་ལམ་ཡིག་ཚལ་པ
དུས་རབས་འདིའི་ཨམ་ཕྲག་གི་སྦུག་ཏུ་བཅུག
ཀ་ཁ་ག་ང་འདྲ་ལABCDཡང་འདྲ་བའི་ལམ་ཆས་ཛར་ཛོར
ཁ་སང་ནས་བསར་བའི་སྒྱེ་མོ་ཞབས་རྡོལ་དེའི་ནང་དུ་བརྒྱངས
ཁུ་སིམ་སིམ་དུ་རྡོག་ཐོན་བྱེད་པའི་ཞོགས་པར
བདག་ལ་སྐྱེལ་མ་བྱེད་མཁན་ལམ་བར་གྱི་བསིལ་རླུང་དེ་ཁོ་ན
རང་ཉིད་ཀྱིས་བགྲོད་དགོས་པའི་བར་སྟོང་འདི་ནས
ངས་སྨྲ་ལྕེ་སྦིར་བའི་ཁ་ཚ་དུ་མ་ཧུབ་ཀྱིས་བཏུངས
རྔུལ་ཆུ་འགྲམ་པ་གཡས་གཡོན་ནས་འགྲིལ་ཀྱང
ཐོག་མ་ནས་འཕྱིད་རས་ཤིག་སྐེད་པར་མ་གཟེར
ལུ་ཆུ་མིག་ཀོང་གཡས་གཡོན་ནས་ལུད་ཀྱང
ཐོག་མ་ནས་ཤག་སྒྲ་ཞིག་སྒྲོག་རྩིས་མ་བྱས
མ་གཞི་ནས་འཇིག་རྟེན་འདིའི་སྒང་གཤོངས་ཀུན་ཏུ
མི་བུ་རྣམས་རང་རང་གི་མིག་ཆུ་རེ་འདོན་གྱིན
མི་བུ་རྣམས་རང་རང་གི་གད་མོ་རེ་དགོད་ཀྱིན
རང་ཉིད་ལ་དབང་བའི་གཏམ་རྒྱུད་རེ་རྩོམ་གྱིན་ཡོད་ན
ང་རང་ཡང་མིག་ཆུ་དང་གད་མོ་གྲོགས་སུ་བསྒྲིགས་ཏེ
རང་ཉིད་ལ་དབང་བའི་གཏམ་རྒྱུད་ཅིག་མི་རྩོམ་པ་ཅི་ལ་སྲིད
……
1
可通过全国各地邮局订阅
2
2
3
可通过《民族文学》官方微信公众平台直接订阅
来源:民族文学